为深入贯彻党中央关于全面从严治党和深化国家监察体制改革的决策部署,进一步推动纪委监委工作依法接受民主监督、社会监督、舆论监督和加强特约监察员工作,根据《中华人民共和国监察法》和《西藏自治区监察委员会特约监察员工作办法》,结合措勤县实际,制定特约监察员选聘公告。
一、指导思想
坚持以习近平新时代中国特色社会主义思想为指导,深入贯彻落实习近平总书记关于党的自我革命的重要思想和关于全面深化改革一系列新思想、新观点、新论断,全面贯彻落实党的二十大和二十届二中、三中全会精神,以纵深推进纪检监察体制改革,推动监察机关依法接受监督为着力点,聚焦县纪委监委中心工作,着重发挥对监察机关及其工作人员的监督作用,着力发挥参谋咨询、桥梁纽带、舆论引导作用,推动措勤全面从严治党、党风廉政建设和反腐败工作向纵深发展。
二、选聘范围
特约监察员是县监察委员会根据工作需要,按照程序优选聘请,以兼职形式履行监督、咨询等相关职责的公信人士,每届聘请30名特约监察员,每乡镇5名(除江让乡)县直部门10名,任期为5年。
(一)县乡党代表、人大代表、政协委员。
(二)专家学者、法律工作者、媒体人士。
(三)企业界代表、社会组织负责人。
(四)基层群众代表及其他具有较高社会公信力的人员。
三、选聘条件
(一)坚持中国共产党领导和拥护党的路线、方针、政策,走中国特色社会主义道路,遵守中华人民共和国宪法和法律、法规,具有中华人民共和国国籍。
(二)有较高的业务素质,具备与履行职责相应的专业知识和工作能力,在各自领域有一定代表性和影响力。
(三)热心全面从严治党、党风廉政建设和反腐败工作,认真履行特约监察员职责,有较强责任心。
(四)坚持原则、实事求是,密切联系群众,公正廉洁、作风正派,遵守职业道德和社会公德。
(五)身体健康,受聘时年龄一般不超过50周岁。
(六)未受过党纪处分、政务处分、刑事处罚。
四、选聘程序
(一)发布选聘公告:通过公示栏、新媒体等渠道发布选聘公告,明确选聘对象、条件、程序等。
(二)个人自荐与单位推荐:符合选聘条件的人员可自荐,也可由所在单位或组织推荐。
(三)资格审查:对自荐和推荐人员进行资格审查,符合条件的纳入候选人名单。
(四)面试与考察:组织结构化面试与实地考察,对候选人的政治素质、专业素养、道德品质等进行综合评估。
(五)考察审核:措勤县纪委监委根据选聘的条件、要求,对参加选聘人员进行考察,经措勤县纪委常委会、县监委委务会议研究审议,确定聘请特约监察员人选后,将聘请人选名单及意见抄送特约监察员所在单位及推荐单位,并在措勤县委组织部、县纪委监委档案室备案。
(六)公示与聘任:对拟聘人员进行公示,接受社会监督。公示无异议后,正式聘任为特约监察员,并颁发聘书。
五、工作职责
(一)对纪检监察机关及其工作人员履行职责情况进行监督,提出加强和改进纪检监察工作的意见、建议。
(二)协助配合纪检监察机关开展监督检查工作,并提供有关问题线索。
(三)对制定纪检监察规范性文件、出台重大政策、起草重要文件、提出监察建议等提供咨询意见。
(四)参加措勤县监委组织的调查研究、监督检查、专项工作。
(五)宣传纪检监察工作的方针、政策和成效。
(六)办理县监委委托的其他事项。
六、报名时间
自公告之日至2025年6月30日下午16:00
七、报名方式
填写《措勤县监察委员会特约监察员报名表》,并于2025年7月1日前填写并报送《报名表》、近期一寸蓝底免冠照片,报送至措勤县纪委监委综合办公室。
联系电话:0897-2612916。
附件:措勤县监察委员会特约监察员报名表

མཚོ་ཆེན་རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟ་ཞིབ་པའི་འདེམས་བསྐོའི་སྤྱི་བསྒྲགས།
ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁྲིམས་ལྟར་དམངས་གཙོའི་ལྟ་སྐུལ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་དང་ལེན་དང་དམིགས་བསལ་མངགས་བཅོལ་ལྟ་ཞིབ་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་མངགས་བཅོལ་ལྟ་ཞིབ་པའི་ལས་དོན་བྱ་ཐབས》གཞིར་བཟུང་རང་གི་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དམིགས་བསལ་མངགས་བཅོལ་ལྟ་ཞིབ་འདེམས་བསྐོ་གདན་ཞུ་བྱ་རྒྱུའི་སྤྱི་བསྒྲགས་བྱས་པ།
དང་པོ། མཛུབ་སྟོན་བསམ་བློ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་སྐོར་གྱི་བསམ་བློ་གསར་པ་དང་། ལྟ་ཚུལ་གསར་པ། ཆོད་གཏམ་གསར་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་དང་ལེན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་གནད་དུ་བཟུང་ནས། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟེ་བའི་ལས་དོན་ལ་དམིགས་ནས་ལྟ་ཞིབ་ལས་ཁུངས་ཀྱི་བློ་འདྲིའི་ནུས་པ་འདོན་པ་དང་། འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་བཅས་ཆེ་རུ་བཏང་ནས་མཚོ་ཆེན་གྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
གཉིས་པ། གདན་ཞུའི་ཁྱབ་ཁོངས།
ཆེད་བསྐོས་ལྟ་ཞིབ་པ་ནི་རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལས་ཀའི་དགོས་མཁོར་གཞིགས་ཏེ་གོ་རིམ་ལྟར་འདེམས་སྒྲུག་གདན་ཞུ་བྱས་ཏེ་ལས་འགན་གཅིག་ལྕོགས་སུ་འཁུར་བའི་རྣམ་པའི་ཐོག་ནས་ལྟ་སྐུལ་དང་བློ་འདྲི་སོགས་ཀྱི་འབྲེལ་ཡོད་འགན་འཁྲི་སྒྲུབ་པའི་དམངས་ཡོངས་ཀྱི་ཡིད་ཆེས་བྱེད་པའི་མི་སྣ་ཡིན་ལ། སྐབས་རེ་རེར་ཆེད་བསྐོས་ལྟ་ཞིབ་པ་ཁྱོན་མི་གྲངས་30གདན་ཞུ་བྱ་རྒྱུ་ ཤང་དང་གྲོང་རྡལ་རེ་ནས་མི5དང་(རྐྱང་རང་ཤང་ཕུད)རྫོང་ཐད་གཏོགས་སྡེ་ཚན་ཁག་ནས་མི་གྲངས་10གདན་ཞུ་བྱ་རྒྱུ་ འགན་འཛིན་ཡུན་ཚད་ལོ་5ཡིན།
གཅིག རྫོང་དང་ཤང་གི་ཏང་གི་འཐུས་མི་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཡིན།
གཉིས། རིགས་གཅིག་མཁས་པ་དང་། བཅའ་ཁྲིམས་ཀྱི་ལས་ཀ་བྱེད་མཁན། སྨྱན་སྦྱོར་མི་སྣ་བཅས་ཡིན།
གསུམ། ཁེ་ལས་ལས་རིགས་ཀྱི་འཐུས་མི་དང་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་འཁུར་མི་སྣ།
བཞི། གཞི་རིམ་མང་ཚོགས་ཀྱི་འཐུས་མི་དང་དེ་བཞིན་སྤྱི་ཚོགས་ཐོག་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཅུང་མཐོ་བའི་མི་སྣ་གཞན་དག་བཅས་ཡིན།
གསུམ་པ། གདན་ཞུའི་ཆ་རྐྱེན།
གཅིག ཀྲུང་གོ་གུང་ཁྲན་ཏང་འགོ་འཁྲིད་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལ་བརྩི་བཀུར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལབཅས་ལ་བརྩི་སྲུང་བྱེད་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡོད་པ།
གཉིས། ལས་སྒོའི་བྱང་ཚད་ཅུང་མཐོ་བ་དང་། འགན་འཁྲི་སྒྲུབ་པ་དང་འཚམ་པའི་ཆེད་ལས་ཤེས་བྱ་དང་ལས་ཀའི་ནུས་པ་ལྡན་ཞིང་། རང་རང་གི་ཁྱབ་ཁོངས་སུ་འཐུས་ཚབ་རང་བཞིན་དང་ཤུགས་རྐྱེན་ངེས་ཅན་ལྡན་དགོས།
གསུམ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་ངོ་རྒོལ་བཅས་ཀྱི་ལས་ཀར་སེམས་རྩ་འཁོལ་པོ་དང་། འགན་འཁྲི་ནན་སྒྲུབ། ཆེད་བསྐོས་ལྟ་ཞིབ་པའི་ལས་ཀར་དགའ་ཞེན་བཅས་བྱ་དགོས།
བཞི། རྩ་དོན་རྒྱུན་འཁྱོངས་དང་། དངོས་ཐོག་བདེན་འཚོལ། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ། གཞུང་དྲང་སྤྱོད་གཙང་། སྤྱོད་ཚུལ་གཞུང་དྲང་། ལས་རིགས་ཀྱི་ཀུན་སྤྱོད་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་བཅས་བྱ་དགོས།
ལྔ། གཟུགས་གཞི་བདེ་ཐང་དང་། གདན་ཞུ་དང་ལེན་བྱེད་པའི་ལོ་ཚོད་ནི་སྤྱིར་བཏང་དུ་ལོ་50ལས་བརྒལ་མི་རུང་།
དྲུག ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་དང་། སྲིད་དོན་གྱི་ཆད་པ། ཉེས་དོན་གྱི་ཆད་པ་བཅས་ཕོག་མྱོང་མེད་པ།
བཞི་པ། གདན་ཞུའི་གོ་རིམ།
གཅིག འདེམས་བསྐོའི་གདན་ཞུའི་སྤྱི་བསྒྲགས་སྤེལ་ཏེ། ཡོངས་བསྒྲགས་ཀྱི་བྱང་བུ་དང་སྨྱན་སྦྱོར་གསར་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་གདན་ཞུའི་སྤྱི་བསྒྲགས་སྤེལ་བ་དང་། གདན་ཞུ་བྱ་ཡུལ་དང་། ཆ་རྐྱེན། གོ་རིམ་སོགས་ཁ་གསལ་བཟོ་བ།
གཉིས། མི་སྒེར་གྱིས་འོས་སྦྱོར་དང་སྡེ་ཚན་གྱིས་འོས་སྦྱོར་བྱས་པ་སྟེ། གདན་ཞུའི་ཆ་རྐྱེན་དང་མཐུན་པའི་མི་སྣས་རང་ཉིད་འོས་སྦྱོར་བྱས་ཆོག་ལ། དེ་གནས་སའི་སྡེ་ཚན་ནམ་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་ཀྱང་ཆོག
གསུམ། ཐོབ་ཐང་ཞིབ་བཤེར་སྟེ། རང་གིས་འོས་སྦྱོར་དང་འོས་སྦྱོར་བྱས་པའི་མི་སྣར་ཐོབ་ཐང་ཞིབ་བཤེར་བྱས་ནས་ཆ་རྐྱེན་དང་མཐུན་པའི་འོས་མིའི་མིང་ཐོའི་ནང་འཇུག་པ།
བཞི། ངོ་རྒྱུགས་དང་རྟོག་ཞིབ་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་ངོ་རྒྱུགས་དང་རྟོག་ཞིབ་བྱ་རྒྱུ་དང་། འོས་མིའི་ཆབ་སྲིད་ཀྱི་བྱང་ཚད་དང་། ཆེད་ལས་ཀྱི་བྱང་ཚད། ཀུན་སྤྱོད་ཀྱི་གཤིས་རྒྱུད་སོགས་ལ་ཕྱོགས་བསྡུས་དཔྱད་འཇོག་བྱ་དགོས།
ལྔ། རྟོག་ཞིབ་ཞིབ་བཤེར་གཏན་འབེབས་བྱ་རྒྱུ། རྫོང་སྒྲིག་ཨུད་ཀྱི་ལྟ་སྐུལ་པས་གདན་ཞུའི་ཆ་རྐྱེན་དང་བླང་བྱར་གཞིགས་ནས་འདེམས་བསྐོར་ཞུགས་མཁན་མི་སྣར་རྟོག་ཞིབ་བྱ་རྒྱུ་དང་། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་། རྫོང་གི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ལས་དོན་གྲོས་ཚོགས་ཐོག་ཞིབ་འཇུག་དང་གྲོས་ཞིབ་བྱ་རྒྱུ། གདན་ཞུའི་མིང་ཐོ་དང་། རྫོང་སྒྲིག་ཨུད་ཀྱི་ལྟ་སྐུལ་དོ་དམ་ཡིག་ཚགས་ཁང་དུ་ཐོ་འགོད་སྙན་ཞུ་བྱེད་པ།
དྲུག ཡོངས་བསྒྲགས་དང་གདན་ཞུས་ལས་བསྐོ། གདན་ཞུའི་མི་སྣར་ཡོངས་བསྒྲགས་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ། ཡོངས་བསྒྲགས་ལ་བསམ་འཆར་མི་འདྲ་བ་མེད་པའི་རྗེས་སུ་དངོས་གཞིའི་གདན་ཞུ་བྱས་ནས་མངགས་བཅོལ་ལྟ་ཞིབ་པར་གདན་ཞུ་བྱ་རྒྱུ་མ་ཟད། གདན་ཞུའི་ཡི་གེ་ཡང་སྤྲོད་དགོས།
ལྔ་པ། ལས་ཀའི་འགན་འཁྲི།
གཅིག སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་འགན་འཁྲི་སྒྲུབ་པའི་གནས་ཚུལ་ལ་ལྟ་སྐུལ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་བསམ་འཆར་དང་གྲོས་འགོ་འདོན་དགོས།
གཉིས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ལ་གཞོགས་འདེགས་ཀྱིས་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་བ་དང་འབྲེལ་འབྲེལ་ཡོད་གནད་དོན་གྱི་ཁུངས་སྣེ་འདོན་སྤྲོད་ཀྱང་བྱ་དགོས།
གསུམ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་བ་དང་། སྲིད་ཇུས་གལ་ཆེན་འདོན་པ། ཡིག་ཆ་གལ་ཆེན་ཟིན་འགོད་བྱེད་པ། ལྟ་ཞིབ་ཀྱི་གྲོས་འགོ་འདོན་པ་སོགས་ལ་བློ་འདྲིའི་བསམ་འཆར་འདོན་དགོས།
བཞི། རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་བརྟག་དཔྱད་ཞིབ་འཇུག་དང་། ལྟ་སྐུལ་ཞིབ་བཤེར། ཆེད་དོན་བཅས་ཀྱི་ལས་ཀར་ཞུགས་དགོས།
ལྔ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཀའི་བྱེད་ཕྱོགས་དང་། སྲིད་ཇུས། ཕན་འབྲས་བཅས་དྲིལ་བསྒྲགས་བྱ་དགོས།
དྲུག རྫོང་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དམིགས་བསལ་མངགས་བཅོལ་བྱས་པའི་དོན་དག་གཞན་དག་བསྒྲུབ་དགོས།
དྲུག་པ། མིང་ཐོ་འགོད་པའི་དུས་ཚོད།
སྤྱི་བསྒྲགས་བྱས་པའི་ཉིན་ནས་ཟུང་2025ལོའི་ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོའི་ཆུ་ཚོད་16:00བར་ཡིན།
བདུན་པ། མིང་ཐོ་འགོད་བྱེད་སྟངས།
《མཚོ་ཆེན་རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་མངགས་བཅོལ་ལྟ་ཞིབ་པའི་མིང་ཐོ་འགོད་པའི་རེའུ་མིག》འབྲི་དགོས་པ་མ་ཟད།2025ལོའི་ཟླ་7པའི་ཚེས་1ཉིན་གོང་དུ་《མིང་ཐོ་འགོད་པའི་རེའུ་མིག》དང་ཉེ་དུས་ཀྱི་རྒྱབ་ལྗོངས་ཚོད་གཞི་སྔོན་པོ་ཡིན་པའི་འདྲ་པར་ཚུན་གཅིག་བྱས་པ་ཞིག་མཚོ་ཆེན་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལྟ་ཞིབ་ཨུ་ལྷན་གྱི་ཕྱོགས་བསྡུས་གཞུང་ལས་ཁང་ལ་སྐྱེལ་དགོས།
འབྲེལ་གཏུག་ཁ་པར་ནི0897-2612916ཡིན།
ཟུར་འགོད་དུ། མཚོ་ཆེན་རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་མངགས་བཅོལ་ལྟ་ཞིབ་པའི་མིང་ཐོ་འགོད་པའི་རེའུ་མིག
